(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།)
ང་ཚོའི་ཀུན་སློང་བསྐྱར་དུ་སྤྱོད་པ་དང་བསྐྱར་ཞིབ།
སོ་སོའི་འཁོར་དུ་གནས་པའི་མི་ཚོར་ལྟོས་དང། སྐྱེ་བོ་དེ་དག་སོ་སོ་དང་བློ་ཐག་ཉེ་པོའམ་ཐག་རིང་པོ་དང་པྱུག་པོའམ་དབུལ་པོ་གང་ཞིག་ཡིན་རུང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། དེ་དག་འགྲུབ་པར་ཐབས་ལམ་བཟང་ཤོས་ནི་ཆོས་ཉམས་ལེན་བྱ་རྒྱུ་དེ་ཡིན། ང་ཚོར་དལ་འབྱོར་མི་ལུས་ལྡན་པ་དང་ཚུལ་ཁྲིམས་དང། ཐེག་ཆེན་གསང་སྔགས་དང་བཅས་པའི་ཁྲིད་ལུང་ལྡན་ཞིང། སློབ་དཔོན་མཚན་ཉིད་ལྡན་པའང་འཕྲད་ཡོད། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་ཉོན་མོངས་རྣམས་འཇོམས་པ་དང་། ཡོན་ཏན་ཡོངས་རྫོགས་ཆུབ་ཅིང་སངས་རྒྱས་གོ་འཕང་འཐོབ་སླད་ཐེག་པ་ཆེན་པོའི་ཀུན་སློང་ཡོངས་རྫོགས་ལྡན་པ་བྱེད་དགོས།
གནད་དོན་གཙོ་བོ་ནི་ང་ཚོའི་རྒྱུད་སེམས་པ་བཟང་པོ་བསྐྱེད་དགོས། འདི་ནི་རང་གཞན་ཚང་མའི་འཕྲུལ་ཕུག་གི་བདེ་སྐྱིད་རྩ་བ་ཡིན། འདི་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་གཞན་བདེ་བ་སྦྱིན་པར་བྱེད་པའི་བྱང་ཆུབ་སེམས་ཀྱི་རྩ་བ་ཡིན། དེ་བས་ན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་སེམས་པ་བཟང་པོ་རྒྱུད་ལ་བསྐྱེད་པར་བྱེད་དགོས།
“ང་སེམས་པ་བཟང་པོ་ཡོང་བ་ཤོག་” ལྟ་བུ་བརྗོད་རྒྱུ་མེད། དོན་དངོས་སུ་ང་ཚོས་ཐོབ་བྱའི་ལམ་རྣམས་སྦྱོང་བརྡར་དང་ཉམས་ལེན་བྱེད་དགོས། ང་ཚོའི་ཐབས་རྣམས་ཤེས་དགོས་པ་དང་དེ་ནས་ལག་ལེན་དུ་སྐྱེལ་དགོས། དམ་པའི་ཆོས་ཡོངས་སུ་རྫོགས་པ་ནི་སངས་རྒྱས་ཀྱི་བཀའ་པོད་བརྒྱ་ལྡན་པའི་ནང་དང་རྒྱ་གར་གྱི་སློབ་དཔོན་རྣམ་པའི་དགོངས་འགྲེལ་པོད་ཉིས་བརྒྱ་ཅན་གྱི་བསྟན་བསྒྱུར་ནང་དུ་ཡོད། བོད་དུ་སེམས་འདུལ་བ་དང་བསམ་པ་འགྱུར་བཅོས་གཏང་བའི་ལམ་གྱི་རིམ་པའི་ཁྲིད་ཡོངས་རྫོགས་ཁྲིད་མཁན་གྱི་བླ་མ་གཙོ་བོ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིན། རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁུངས་གཏུགས་ས་གཙོ་བོ་ནི་ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དཔེ་ལམ་སྒྲོན་ཡིན།...
http://www.BerzinArchives.com/web/bo/archives/sutra/level3_lojong_material/specific_texts/37_bodhisattva_practices/short_commentary_thirty_seven_bodhi/short_commentary_37_bodhisattva_practices_03.html