Quantcast
Channel: The Berzin Archives Podcasts
Viewing all 345 articles
Browse latest View live

ཆོས་ལ་འཇུག་ཅིང་སྡུག་བསྔལ་སྤོང་བ།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – མཚན་ཞབས་གསེར་ཀོང་རིན་པོ་ཆེ།

སྡུག་བསྔལ་ངོས་འཛིན་པ།

ལེགས་སྦྱར་སྐད་ནང་དྷ་རྨ་ཞེས་པར་བོད་སྐད་དུ་ཆོས་ཞེས་བརྗོད་པའི་དོན་ནི་འཛིན་པའམ་སྐྱོབ་པ་ལ་ཟེར། འཛིན་པའམ་སྐྱོབ་པའི་དོན་ཅི་ལགས་ཤེ་ན། སྡུག་བསྔལ་སྤོང་བ་དང་བདེ་བ་ཐོབ་པར་གོ ཆོས་ཞེས་པས་ང་ཚོ་གཅིག་པུ་ཙམ་མིན་པར་སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་འཇུག

ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་ལ་རིགས་གཉིེས་ཡོད་པ་ལས། མིས་འཕྲལ་དུ་མཐོང་ཐུབ་པའི་སྡུག་བསྔལ་དང་མངོན་ཤེས་མེད་པར་ང་ཚོས་མཐོང་མི་ཐུབ་པའི་རིགས་གཉིས་ཡོད། དང་པོ་ནི་ཁོངས་སུ་སྐྱེ་བའི་བརྒྱུད་རིམ་ཁྲོད་ཀྱི་སྡུག་བསྔལ་དང་། སྐབས་སྐབས་སུ་ན་བའི་རྐྱེན་མི་བདེ་བ། རྒ་བ་དང་རྒན་གོག་ཆགས་པའི་སྐབས་ཀྱི་སྡུག་བསྔལ། འཆི་བའི་འཇིགས་པ་བཅས་གཏོགས།

འཆི་བའི་རྗེས་ཀྱི་སྡུག་བསྔལ་རྣམས་མི་དཀྱུས་མས་མཐོང་མི་ཐུབ། ང་ཚོའི་བསམ་པར་འཆི་བའི་རྗེས་བསྐྱར་དུ་མིའི་སྐྱེ་བ་ལེན་ཤས་ཆེ་བར་བསམ་གྱི་ཡོད། འོན་ཀྱང་དེ་ནི་ངེས་པར་གནད་དོན་ཞིག་མ་ཡིན། དེ་ལྟའི་འཕེལ་འགྱུར་ཞིག་འབྱུང་གི་ཡོད་པར་བདེན་པར་འཛིན་པར་རྒྱུ་མཚན་གྱི་རིག་པ་གང་ཡང་མེད་ལ། འཆི་བའི་རྗེས་སྐྱེ་བ་གང་ཡང་ལེན་གྱི་མེད་པའི་དོན་ཡང་མ་ཡིན།

ང་ཚོས་ལེན་པར་ངེས་པའི་ཡང་སྲིད་བྱེ་བྲག་པའི་ཐད་ཤེས་རྟོགས་ཐུབ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་ཅིང་། ང་ཚོའི་ཤེས་བྱའི་ཡུལ་ལས་འདས། ཚེ་འདིའི་ནང་ང་ཚོས་དགེ་བའི་ལས་གསོག་ཐུབ་པ་ན། སྐྱེ་བ་ཕྱི་མར་ལུས་རྟེན་བཟང་པོ་ཞིག་འཐོབ་རྒྱུ་ནི་རང་བཞིན་ཡིན། དེ་ལས་ལྡོག་ཏེ། གལ་ཏེ་ང་ཚོས་མི་དགེ་བའི་ལས་བསགས་པ་ན། བདེ་འགྲོའི་སྐྱེ་བ་ལེན་མི་ཐུབ་པར། ངན་འགྲོའི་གནས་ལ་ལྟུང་ནས་སྡུག་བསྔལ་མང་པོ་མྱོང་དགོས། དེ་ནི་ངེས་པ་ཡིན། ཡང་སྲིད་ལེན་ཚུལ་དེ་ལྟར་ཡིན། གལ་སྲིད་ང་ཚོས་གྲོའི་ས་བོན་བཏབ་ན། གྲོ་འབའ་ཞིག་སྐྱེ་བ་དང་། འབྲས་བཏབ་ན་འབྲས་སྐྱེ་ཡི་ཡོད། དེ་ལྟར་མི་དགེ་བའི་ལས་བསགས་པ་ལས་ང་ཚོས་དམྱལ་བ་དང་། ཡི་དགས། དུད་འགྲོ་བཅས་ངན་སོང་གསུམ་ནང་སྐྱེ་བ་ལེན་པའི་ས་བོན་འདེབས་ཀྱི་ཡོད།

...

http://www.BerzinArchives.com/web/bo/archives/sutra/level2_lamrim/overview/general/following_dharma_avoiding_suffering.html

ནང་ཆོས་ནས་གསུངས་པའི་རིག་པ་བཞི།

$
0
0
(རྩོམ་བྲིས་ཐུང་བ།)

ནང་ཆོས་ཉམས་ལེན་ལམ་ལྷོང་ཡོང་བ་ནི་དོན་དངོས་དང་མཐུན་པའི་བསམ་ཚུལ་ཞིག་ཡོད་པ་ལ་རག་ལས་ཡོད། དེའི་དོན་ནི་ཆོས་རྣམས་ཇི་ལྟར་གནས་པ་ལྟར་དཔྱོད་པའི་ཚུལ་ཞིག་ལ་གོ དེ་ལྟའི་དཔྱོད་ཚུལ་སླད། སངས་རྒྱས་ཀྱིས་རིག་པ་བཞི་བཀའ་གནང་ཡོད། དེ་དག་ནི་ནང་ཆོས་ཀྱི་སྲོལ་རྒྱུན་ཁྲོད་ཀྱི་གཞི་རྩའི་ཁས་ལེན་ཡིན། སངས་རྒྱས་ཀྱི་ཞལ་ནས། བསྲེག་བཅད་བརྡར་ལ་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླངས་བར་བྱ་ཡིན་གུས་ཕྱིར་མིན་ཞེས་གསུངས་པ་ཡིད་ལ་བཟུང་དགོས། རིག་པ་བཞི་ནི།

༡) ལྟོས་པའི་རིག་པ།

༢) བྱ་བ་བྱེད་པའི་རིག་པ།

༣) ཚད་མའི་རིག་པ།

༤) ཆོས་ཉིད་ཀྱི་རིག་པ།

དེ་དག་ཀྱང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་ནང་འགྲེལ་བཤད་རྒྱས་པར་གནང་ཡོད།

ལྟོས་པའི་རིག་པ།

རིག་པ་དང་པོ་ཆོས་རྣམས་ཕན་ཚུལ་གཅིག་ལ་གཅིག་ལྟོས་པ་དེ་ཡིན། དེ་ལ་ལྟོས་པའི་རིག་པ་ཟེར། འབྲས་བུ་ཞིག་ཡོང་བར། དེའི་རྒྱུ་དང་རྐྱེན་ལ་ལྟོས་དགོས། དེ་ནི་ང་ཚོ་ཚང་མས་ཁས་ལེན་ཐུབ་པའི་རིག་པ་ཞིག་ཡིན། དེའི་དོན་ནི་གལ་ཏེ་ང་ཚོས་ཁྱད་ཆོས་བཟང་པོ་ཞིག་གམ་གོ་རྟོགས་གསལ་པོ་ཞིག་ཡོང་འདོད་ན། ང་ཚོས་དེའི་ལྟོས་གཞིར་བརྟག་དཔྱད་བྱེད་དགོས། དང་པོ་ང་ཚོས་ག་རེ་ཤེས་དགོས་ཀྱི་ཡོད་ཅེ་ན་དེའི་རྟེན་དེ་ཤེས་པ་བྱ་དགོས།

ཉམས་ལེན་གྱི་གྲུབ་འབྲས་རྣམས་གྲུབ་འབྲས་གཞན་དང་རྐྱེན་གཞན་ལ་ལྟོས་ཡོད། དཔེར་ན། གལ་སྲིད་ང་ཚོས་སྟོང་ཉིད་རྟོགས་པའི་ཤེས་རབ་བམ་གནས་ལུགས་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེད་དགོས་ཀྱི་ཡོད་ན། དེ་ལ་གང་རག་ལས་མིན་ཤེས་པ་བྱེད་དགོས། དེ་ནི་ཏིང་ངེ་འཛི་ལ་རག་ལས་ཡོད། ཏིང་ངེའཛི་མེད་པར། ཤེས་རབ་དེ་གོང་འཕེལ་གཏོང་མི་ཐུབ། འོ་ན་ཏིང་ངེ་འཛིན་གྱི་གཞི་རྟེན་གང་ཡིན་ཞེ་ན། དེ་ནི་རང་སྒྲིག་རང་སྲུང་ངམ་ཚུལ་ཁྲིམས་ལ་རག་ལས་ཡོད། ཅི་སྟེ་ང་ཚོའི་སེམས་ཕྱི་རོལ་ཏུ་འཁྱམས་འགྲོ་བའི་སྐབས། ང་ཚོའི་དོ་སྣང་ངམ་སེམས་ལ་ཚུལ་བཞིན་འགུག་མ་ཐུབ་ན། ང་ཚོས་ཏིང་ངེ་འཛིན་སྒྲུབ་མི་ཐུབ།...

http://www.BerzinArchives.com/web/bo/archives/sutra/level1_getting_started/approaching_study_meditation/4_axioms.html

རྒྱུད་བླ་མའི་གསུང་ཁྲིད། (བརྙན་འཕྲིན་ + སྒྲ་འཇུག་ཟུང་ལྡན།)

སྒོམ་ཞེས་པ་གང་ཡིན་ནམ།

$
0
0
(སྒྲ་ཡིག་འབེབ་)

ངོ་སྤྲོད།

ང་ཚོས་སྒོམ་ཞེས་པའི་ཐ་སྙད་འདི་ཐོས་སྐབས།མི་མང་པོ་ཞིག་ལ་བསམ་ཚུལ་སྣ་ཚོགས་བྱུང་ཡོད་ཤག་རེད།མི་འགའ་ཞིག་ལ་སེམས་ནང་ཞིང་ཁམས་འདྲ་མིན་དུ་འགྲོ་བ་ལྟ་བུའི་འཇིག་རྟེན་ལས་འདས་པའི་ཉམས་ལེན་གྱི་སྣང་བ་ཤར་འཇུག་མཁན་ཞིག་ཏུ་མཐོང་ཤས་ཆེ།གཞན་རྣམས་ལ་དེ་ནི་ཨེ་ཤི་ཡ་གཅིག་པུའི་ནང་ཉམས་ལེན་བྱེད་པའི་སྒྲིག་ཚུགས་ཀྱི་རིགས་གཅིག་ཡིན་པའི་བསམ་ཚུལ་སླེབས་ཀྱི་ཡོད།འོན་ཀྱང་གལ་ཏེ་ང་ཚོས་དེར་ཞིབ་ཚགས་པོ་བལྟས་ན།སྒོམ་ཟེར་ན་ག་རེ་རེད།ངས་སྒོམ་ཉམས་ལེན་བྱེད་འདོད་པའི་རྒྱུ་མཚན་ཅི་ཡིན་ནམ།ངས་དངོས་སུ་དེ་ཉམས་ལེན་ཇི་ལྟར་བྱེད་དགོས་སམ་ཞེས་པའི་དྲི་བ་གསུམ་ལ་ང་ཚོས་ལན་འདེབས་དགོས་པ་ཆགས་ཀྱི་ཡོད།

སྒོམ་གང་རེད་དམ།

དྲི་བ་དང་པོ་ནི།སྒོམ་ག་རེ་རེད་དམ་ཞེས་པ་འདི་ཡིན།སྒོམ་ཞེས་པ་ནི་ང་ཚོའི་སེམས་ཀྱི་གནས་སྟངས་ཕན་ཐོགས་པོ་ཞིག་ཡོང་བར་སྦྱོང་བརྡར་གཏོང་བའི་ཐབས་ལམ་ཞིག་ཡིན།དེ་ཡང་ང་ཚོའི་སེམས་ཀྱི་གནས་སྟངས་དེ་ལ་མྱོང་འདྲིས་ཐུབ་པ་བྱས་ཏེ་གོམས་གཤིས་སུ་འགྱུར་སླད་ཡང་ནས་ཡང་དུ་སེམས་ཀྱི་གནས་སྟངས་དེ་རྒྱུད་ལ་སྦྱངས་ནས་ཉམས་སུ་ལེན་དགོས་པ་ཡིན།ཕན་ཐོགས་ཆེ་བའི་སེམས་ཀྱི་གནས་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་བརྗོད་མི་དགོས།སེམས་ཀྱི་གནས་སྟངས་གཅིག་ནི་ལྷོད་ལྷོད་ཚ་བ་དང་།དངངས་སྐྲག་དང་སེམས་འཁྲལ་ཆུང་བ་ཡོད།རིགས་གཞན་ཞིག་ནི་རྒྱུན་དུ་སེམས་འཁྲལ་མེད་པར་རིག་པ་སྒྲིམ་ཤུགས་ཆེ་བ་དང་ཁུ་སིམ་པ་ཡོད།དེ་མིན་ང་ཚོ་རང་ཉིད་དང་སོ་སོའི་མི་ཚེ་སོགས་ལ་རྒྱུས་མངའ་ཆེ་བའི་སེམས་ཀྱི་གནས་སྟངས་རིགས་གཞན་ཞིག་ཡོད།ཡང་ན་གཞན་ཞིག་ནི་གཞན་སེམས་ཅན་ལ་སྙིང་རྗེ་དང་བརྩེ་བའི་ཚོར་ཤུགས་ཆེ་བ་ལྡན་ཡོད།དེར་བརྟེན་ཕན་ཐོགས་ཆེ་བའི་སེམས་ཀྱི་གནས་སྟངས་རིགས་སྣ་ཚོགས་ཡོད་པ་རྣམས་ང་ཚོས་སྒོམ་ལ་བརྟེན་ནས་རྒྱུད་ལ་སྐྱེ་ཐུབ་པ་ཡིན།

སྒོམ་གྱི་དམིགས་ཡུལ་གང་ཡིན་ནམ།

...

http://www.BerzinArchives.com/web/bo/archives/approaching_buddhism/introduction/what_is_meditation/transcript.html

སྒོམ་ཞེས་པ་གང་ཡིན་ནམ།

ལམ་རིམ་གྱི་གནད་དོན་རོབ་བསྡུས་བཤད་པ།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – མཚན་ཞབས་གསེར་ཀོང་རིན་པོ་ཆེ།

མི་ལུས་རིན་པོ་ཆེ་བེད་སྤྱོད་གཏོང་ཚུལ།

ང་ཚོ་ཚང་མར་མི་ལུས་རིན་ཆེན་འདི་ཐོབ་ཅིང་། མི་ལུས་རིན་ཆེན་འདིའི་ཐོག་ནས་སེམས་ཡར་རྒྱས་གཏོང་བར་གོ་སྐབས་ཆེ་ཤོས་ལྡན་ཡོད། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ད་ལྟའི་མིའི་ལུས་རྟེན་འདི་ལས་གོ་སྐབས་བཟང་བ་ཞིག་ང་ཚོར་རྩ་བ་ནས་མེད། ཐ་ན་འབྱུང་འགྱུར་ང་ཚོར་བརྒྱ་བྱིན་དང་ལྷའི་རྒྱལ་པོའི་གོ་འཕང་ཐོབ་ཀྱང་དེ་ལས་བཟང་བ་མེད།

ད་ལྟ་ང་ཚོར་ཐོབ་ལུས་རྟེན་འདི་ལས་ཡག་པའི་རྟེན་ཞིག་མེད་སྟབས། འདི་བེད་སྤྱོད་ཡག་པོ་གཏོང་བའི་རྒྱུད་རིམ་ཚང་མ་ཤེས་རྟོགས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན། སེམས་པ་བཟང་བ་དང་སྙིང་རྗེ་ཆེ་བ་སོགས་ནང་སེམས་ཀྱི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ནི་ང་ཚོའི་སེམས་རྒྱུད་ཐོག་ནས་གཏོང་བ་ལེགས་ཤོས་ཡིན། སེམས་བཟང་པོ་ཞིག་གི་ཐོག་ནས། ང་ཚོས་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེད་ཐབས་སུ་འབད་བརྩོན་སྟེན་ན་འགྲིགས། དེ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་སེམས་བསྐྱེད་ཅིག་ཡིན། ཕྱོགས་གཞན་ཞིག་ནས། སེམས་ཅན་ཐམས་ཅད་ལ་གང་ཐུབ་ཐུབ་ཀྱིས་ཕན་པ་སྒྲུབ་ཕྱིར། ང་ཚོའི་མི་དགེ་བའི་ཉེས་པ་ཀུན་སྤོང་བ་དང་སོ་སོའི་ནུས་པ་ཆ་ཚང་བེད་སྤྱོད་ཐུབ་པའི་སེམས་བསྐྱེད་ཅིག་ཡིན། ང་ཚོས་སོ་སོའི་སེམས་གཞན་ལ་བསྔོ་བ་དང་སངས་རྒྱས་ཀྱི་གོ་འཕང་ལ་འབད་པ་ནི། མི་ལུས་རིན་ཆེན་འདི་ཆུད་ཟོས་སུ་མ་བཏང་བར་བེད་སྤྱོད་ཧ་ཅང་ཡག་པོ་གཏོང་བ་ཡིན།

སྐྱེ་བ་སྔོན་མའི་དགེ་བའི་ལས་ནི་ད་ལྟའི་གྲུབ་འབྲས་ཀྱི་རྒྱུ་ཡིན།

འགྲོ་བ་མིའི་རིགས་འདྲ་མིན་མང་པོ་ཡོད་པའི་ནང་ སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་དམིགས་ཡུལ་དང་བཅས་སོ་སོའི་འབྱུང་འགྱུར་གྱི་མི་ཚེར་ཕན་ཐོགས་བསྐྲུན་པའི་དོ་དབྱིངས་ཡོད་མཁན་གྱི་མི་ནི་ཧ་ཅང་ཉུང་ཉུང་ཡིན། མི་མང་ཆེ་བ་ནི་རང་ཉིད་འབའ་ཞིག་ལ་ཚེ་འདིའི་བདེ་བ་གཅིག་པུའི་ཆེད་དུ་འབད་བརྩོན་བསྟེན་མཁན་ཤ་སྟག་ཡིན། དེ་ལྟ་ནའང་། མི་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད།

...

http://www.BerzinArchives.com/web/bo/archives/sutra/level2_lamrim/overview/general/overview_lamrim_pathways_mind.html

རྟགས་གསལ་གཏོང་བའི་དམིགས་ཡུལ་དང་ཁེ་ཕན།

$
0
0
(རྩོམ་བྲིས་ཐུང་བ།) – སེར་ཀོང་མཚན་ཞབས་རིན་པོ་ཆེ་སྐུ་ཕྲེང་གཉིས་པ །

ནང་པའི་ཆོས་བསླབ་པ་ལ་རྟགས་གསལ་གཏོང་བའི་དམིགས་ཡུལ་གཙོ་བོ་གཅིག་ནི་ངེས་ཤེས་ཡར་རྒྱས་གཏོང་རྒྱུ་དེ་ཡིན། རང་གིས་རང་ལུགས་ཤིག་བཟུང་ནས། དེ་རྗེས་རང་གི་རྩོད་ཟླས་རིགས་པའི་སྒོ་དུ་མ་ནས་གཏན་ཚིགས་བཀོད་དེ་རྩོད་པ་རྒྱག་གི་ཡོད། གལ་ཏེ་རང་གི་དམ་བཅར་གཞན་གྱི་སུན་འབྱིན་ཚང་མས་གནོད་མི་ཐུབ་ན། མཐར་སུན་འབྱིན་དེ་དག་ལ་རྒྱུ་མཚན་མེད་པ་དང་འགལ་བ་གང་ཡང་མེད་པ་ཤེས་ཐུབ། དེར་བརྟེན་ངེས་ཤེས་རྙེད་དེ་རང་ལུགས་སམ་རང་གི་དམ་བཅའ་གཡོ་བ་མེད་པར་བརྟན་པོར་བཟུང་ཐུབ། ང་ཚོས་སེམས་ཀྱི་གནས་སྟངས་དེར་མོས་པའང་ཟེར་གྱི་ཡོད། དམིགས་པ་གང་ཞིག་ཐོག་སེམས་རྩེ་གཅིག་ཏུ་སྒོམ་རྒྱག་སྐབས་ང་ཚོར་ངེས་ཤེས་དེ་དང་མོས་པ་དེ་དགོས། དཔེར་ན། མི་རྟག་པ་དང་། བདག་གཞན་མཉམ་པ། རང་ལས་གཞན་གཅེས་པར་འཛིན་པ། བྱང་ཆུབ་སེམས། སྟོང་པ་ཉིད་ལྟ་བུའོ།

དེ་འདྲའི་མོས་སྟོབས་ཀྱིས་རང་ཉིད་གཅིག་པུར་དཔྱད་སྒོམ་མམ་ཆོས་ཀྱི་གནད་དོན་སྐོར་བསམ་བློ་གཏོང་བའི་སྐབས་དང་མི་འདྲ་བར་ཕ་རོལ་རྕོད་ཟླ་མཉམ་དུ་འགྲོ་གླེང་བྱེད་པའི་སྐབས་རིག་པའི་བརྡར་ཤ་གཅོད་སྐབས་རང་རང་གི་འཆར་སྒོའི་མོས་པར་ཆ་སྙོམས་ཀྱི་དོན་ཆ་ཚང་བ་རྟོགས་མི་ཐུབ།ཕ་རོལ་པོ་རྩོད་ཟླས་རང་གི་མཐོང་ཚུལ་རང་ཉིད་ལས་མང་བ་རིག་ལམ་རྒྱུད་སྐྱོན་དང་འགལ་ཟླ་གསལ་སྟོན་ཐུབ་ཀྱི་ཡོད།

དེར་མ་ཟད། ཞི་གནས་ཡར་རྒྱས་གཏོང་བར་ལས་དང་པོ་བ་ཞིག་ལ་སྒོམ་རྒྱག་པ་ལས་རྟགས་གསལ་གཏོང་བ་གལ་ཆེ། རྩོད་པའི་སྐབས་རང་གི་རྩོད་ཟླའི་སུན་འབྱིན་དང་འཛིན་གྲོགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་ཉིད་བློ་རྩེ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་བྱེད། གཅིག་པུར་སྒོམ་རྒྱག་པའི་སྐབས། སེམས་ཤུགས་གཅིག་པུས་རང་གི་སེམས་ཕྱི་རོལ་ཏུ་གཡེང་བའམ་གཉིད་དུ་ཡུར་བ་ལས་འགོག་ཐབས་བྱེད། དེ་ལས་ལྡོག་སྟེ།...

http://www.BerzinArchives.com/web/bo/archives/sutra/level1_getting_started/approaching_study_meditation/purpose_benefits_debate.html

མི་དགེ་བའི་མྱོང་ཚོར་ལ་གདོང་ལེན་བྱ་ཚུལ།

$
0
0
(སྒྲ་ཡིག་འབེབ་སྒྱུར་ཐུང་བ།) – ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།

ཡག་པོ་དང་སྡུག་ཅག་ཡང་ན་དགེ་བ་དང་མི་དགེ་བའི་གོ་དོན།

མི་དགེ་བའི་མྱོང་ཚོར་ལ་ང་ཚོས་གདོང་ལེན་ཇི་ལྟར་བྱེད་དམ། འདི་ནི་གལ་ཆེ་བའི་བརྗོད་གཞི་ཞིག་ཡིན་ཞིང་དགེ་བ་གང་ཡིན་དང་མི་དགེ་བ་གང་ཡིན་སྐོར་གྱི་གནད་དོན་ཤོད་ཀྱི་ཡོད། མི་དགེ་བའམ་དགེ་བ་ཞེས་ལྟོས་མེད་རང་རྐྱ་བ་ཞིག་ཡོད་དམ། ངས་དངོས་གནས་ཤེས་ཀྱི་མེད། ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་བརྟེན་ཞིང་ཚང་མར་རྣམ་པ་འདྲ་མིན་ཡོད། ཆོས་གཅིག་ལ་ལྟ་ཕྱོགས་འདྲ་མིན་ཡོད་དེ། གང་ཟག་གཅིག་གིས་དངོས་པོ་ཞིག་ལ་ཕྱོགས་འདི་ནས་བལྟ་དུས་རྣམ་པ་གཅིག་མཐོང་བ་དང་། ཡང་དངོས་པོ་དེ་ག་རང་ལ་ཕྱོགས་གཞན་ཞིག་ནས་བལྟ་དུས་རྣམ་པ་ཐ་དད་ཞིག་མཐོང་གི་ཡོད།

དེས་ན་མི་རེ་རེར་འཛམ་གླིང་ཐད་མཐོང་ཚུལ་མི་འདྲ་བ་རེ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གང་ཡིན་ཟེར་ན་ང་ཚོས་ཚང་མར་ལྟ་སྟངས་མི་འདྲ་བ་རེ་ཡོད་སྟབས་ཡིན། ཐ་ན་དངོས་པོ་གཅིག་མི་གཅིག་ལ་ཐ་དད་དུ་སྣང་བའང་ཡོད། དེར་བརྟེན་ཡག་པོ་དང་སྡུག་ཅག་གི་ཁྱད་པར་དང་གོ་དོན་གང་ཡིན་ནམ། ངས་ཤེས་ཀྱི་མེད། ཐ་ན་འབུ་གྲོག་མ་ཞིག་གིས་ཀྱང་དེ་ལ་བརྟག་དཔྱད་བྱེད་ཀྱི་མེད། འོན་ཀྱང་འབུ་གྲོག་མས་རང་ལ་ཕན་འདོགས་མཁན་དེ་ཡག་པོ་ཞིག་ཏུ་ལྟ་གི་ཡོད་པ་དང་། སོ་སོའི་མི་ཚེར་གནོད་སྐྱེལ་མཁན་དེ་སྡུག་ཅག་ཏུ་མཐོང་ནས་དེ་ལས་གཡོལ་ཐབས་བྱེད་ཀྱི་ཡོད།

དེར་བརྟེན་གཅིག་བྱས་ན་ང་ཚོས་ནི་འཚོ་གནས་ཐོག་རག་ལས་པར་བརྗོད་ཆོག ང་ཚོར་དགའ་ཉམས་དང་བདེ་སྐྱིད་དགོས། བྱས་ཙང་འཚོ་གནས་ལ་ཕན་ཐོགས་ཡོད་མཁན་ཞིག་ལ་ང་ཚོས་ཡག་པོ་དང་དགེ་བར་བརྩི་གི་ཡོད་པ་དང་། སོ་སོར་གནོད་མཁན་དེར་ང་ཚོས་ཉེན་ཁ་ཚོར་ནས་སྡུག་ཅག་དང་བརྩི་གི་ཡོད།

མི་དགེ་བའི་མྱོང་ཚོར་གྱི་གོ་དོན།དེ་ལ་གཞིགས་ན། མི་དགེ་བའི་མྱོང་ཚོར་ལ་གདོང་ལེན་བྱེད་ཚུལ་ཐད་དེ་དག་འགྲེལ་བརྗོད་ཇི་ལྟར་བྱེད་ཀྱི་ཡིན།...

http://www.BerzinArchives.com/web/bo/archives/sutra/level3_lojong_material/general/deal_with_negative_emotions.html

བྱང་ཆུབ་ལམ་རིམ་གྱི་སྙིང་བསྡུས།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – མཚན་ཞབས་གསེར་ཀོང་རིན་པོ་ཆེ།

མི་ལུས་རིན་ཆེན་དུ་སྐྱེ་བ།

མི་ལུས་རིན་ཆེན་དུ་སྐྱེ་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་རྒྱུ་མཚན་ཅི་ཡིན།

ང་ཚོར་ཐོབ་པའི་མི་ལུས་རིན་ཆེན་གྱི་རྟེན་འདི་ནི་ཡིད་བཞིན་ནོར་བུ་ལས་ལྷག་པ་ཡིན། འདི་ནི་དལ་བའི་གཞི་རྟེན་ཡིན་ཀྱང་། ང་ཚོའི་ལུས་རྟེན་འདིར་ཚང་བའི་དལ་འབྱོར་འདི་སྨན་རྫས་ལ་སྤྱོད་པ་སོགས་མ་ཡིན་པར་དམ་པའི་ཆོས་ཉམས་སུ་བླངས་བའི་ཆེད་ཡིན། མི་ལུས་རིན་ཆེན་འདི་ཡིད་བཞིན་ནོར་བུ་ལས་ལྷག་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། ཡིད་བཞིན་ནོར་བུ་ལ་བརྟེན་ནས་ང་ཚོར་ཚེ་འདིའི་བཟའ་བཏུང་ཐོབ་ནའང་། ཕུགས་ཀྱི་ཁེ་ཕན་སྦྱིན་མི་ཐུབ། དེར་བརྟེན་ང་ཚོར་ཐོབ་པའི་མིའི་ལུས་རྟེན་འདི་ལ་བརྟེན་ནས་ཆོས་ཉམས་སུ་ལེན་པའི་གོ་སྐབས་འབྱུང་བས་དེ་ལས་རྩ་ཆེ་བ་ཡིན།

ང་ཚོ་ཚང་མར་ག་དུས་ཡིན་ཀྱང་ཇི་སྲིད་བར་བདེ་སྐྱིད་དགོས་ཀྱི་ཡོད། འོན་ཀྱང་ཚེ་འདིའི་ནང་བདེ་སྐྱིད་གང་བསྒྲུབས་པ་ནི་རྟག་པ་བརྟན་པ་མེད་ཅིང་འཁྱུག་ཙམ་ལས་གནས་ཀྱི་མེད། དེར་བརྟེན་གཏན་གྱི་བདེ་བ་ཞིག་འདོད་ན། ང་ཚོས་སོ་སོའི་མ་འོངས་པའི་མི་ཚེར་བསམ་བློ་གཏོང་དགོས། ཡིད་བཞིན་གྱི་ནོར་བུས་ང་ཚོ་ངན་སོང་གནས་གསུམ་པོ་གང་རུང་དུ་སྐྱེ་བའི་རྒྱུན་གཅོད་མི་ཐུབ་ལ་འཆི་མེད་ཚེ་རིང་བཟོ་མི་ཐུབ། འོན་ཏེ་དལ་འབྱོར་གྱི་རྟེན་ཐོབ་པའི་མི་ལུས་རིན་ཆེན་འདི་བེད་སྤྱད་དེ། ཆོས་སྒྲུབ་པའི་གཞི་རྟེན་དུ་ཁྱེར་ནས་རྗེ་བཙུན་མི་ལ་ནང་བཞིན་འཁོར་བའི་སྐྱེ་རྒྱུན་གཅོད་ཐུབ་པ་དང་། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ། དེས་ན་ཡིད་བཞིན་ནོར་བུས་སྦྱིན་མི་ཐུབ་པ་དེ་མི་ལུས་རིན་ཆེན་འདིས་ཐུབ་ཅིང་། ང་ཚོའི་རྟེན་འདི་ཡིད་བཞིན་ནོར་བུ་ལས་རྩ་ཆེ་བ་ཡིན།

དེར་བརྟེན་ང་ཚོས་མི་ལུས་རིན་ཆེན་འདི་ཐོབ་པའི་སྐབས་ཆོས་ཉམས་ལེན་བྱེད་དགོས། འོན་ཀྱང་རྟེན་འདི་ཡིད་བཞིན་ནོར་བུ་ལས་ལྷག་པ་ཡོད་ནའང།...

http://www.BerzinArchives.com/web/bo/archives/sutra/level2_lamrim/overview/general/summary_graded_path_enlightenment.html

གུང་ཐང་རིན་པོ་ཆེའི་གསུང་ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད་ཞེས་པའི་གཞུང་དོན་ཡིག་ཆ།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – དགེ་བཤེས་ངག་དབང་དར་རྒྱས།

༼སྤྱིར་འབེལ་གཏམ་འདི་ཚིག་སྦྱོར་བདེ་ཞིང་ལས་དང་པོ་བ་རྣམས་བློ་སྣ་ཆོས་སུ་འགུག་པའི་དོན་དུ་བརྩམས་ཡོད་པས་སྔར་གྱི་ཚིགས་བཅད་རང་སོར་བཞག་པ་དང་། དབྱིན་སྒྱུར་ཇི་བཞིན་སྒྱུར་རྒྱུའི་འབད་བརྩོན་བསྟེན་མེད། རང་སྐད་དུ་སྒྱུར་བ་པོས།༽།སྐྱེ་བའི་ས་བོན་སྤངས་པ་ཡིས། །རྒ་ཤིའི་སྡུག་བསྔལ་མི་འབྱུང་བ། །ཟག་ཟད་ཐུབ་པ་རྣམས་ལ་འདུད།

།འཁོར་བའི་རྒྱུན་ལམ་གཅོད་དུ་གསོལ། །སྲིད་པའི་འབྲོག་དགོན་ཐང་དཀྱིལ་ན། །རྒས་འཁོགས་རྒད་པོ་ཉལ་བ་ལ། ལང་ཚོས་དྲེགས་པའི་གཞོན་ནུ་ཞིག །འོངས་ཏེ་ཅི་འདྲི་འདི་སྐད་གླེང། །རྒད་པོ་འགྲོ་འདུག་བྱ་བྱེད་ཀུན། །གཞན་དང་མི་མཐུན་ཅལ་ཅོལ་རང། །བྱེད་པའི་རྒྱུ་མཚན་ཅི་ཡིན་ཟེར། །

།དེ་ལ་རྒད་པོས་ལན་སྨྲས་པ། ཡོག་ལེ་ཤ་དར་ཁྲག་དར་གྱི། འཕུར་མ་ལྡིང་ཁྱོད་ང་ལ་ཉོན། །ཞེས་གསུངས་པ་ལྟར།...

http://www.BerzinArchives.com/web/bo/archives/sutra/level1_getting_started/general_introductory_material/paraphrase_old_man_dhargye.html

སྒོམ་གྱི་ཐབས།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།)

གལ་སྲིད་སངས་རྒྱས་ཀྱི་ཆོས་ང་ཚོས་ཉམས་ལེན་ནང་སྒྲིལ་རྒྱུའི་འདོད་པ་ཡོད་ན་སྒོམ་ནི་གལ་ཆེ་བའི་བརྗོད་གཞི་ཞིག་ཡིན་པ་གསལ་པོ་རེད། འོན་ཀྱང་སྒོམ་ནི་ནང་པའི་ཐུན་མིན་གྱི་ཁྱད་ཆོས་གང་ཡང་མ་ཡིན། ང་ཚོས་རྒྱ་གར་གྱི་སྲོལ་རྒྱུན་ཆོས་ལུགས་ཚང་མའི་ནང་སྒོམ་ཡོད་པ་ཤེས་གསལ་རེད། མ་ཟད་རྒྱ་གར་གྱི་ཕྱི་རོལ་ཏུ་ནང་པ་མིན་པའི་སྲོལ་རྒྱུན་ནང་དུའང་སྒོམ་ཡོད།

ལེགས་སྦྱར་གྱི་སྐད་དུ་སྒོམ་ལ་བྷཱ་བ་ན་ཞེས་བྱ་ཞིང་། བྷཱ་བ་ན་ཞེས་པ་བྷཱུ་(bhu)ཞེས་པའི་བྱ་ཚིག་ལས་བྱུང་ཞིང་། དེའི་དོན་སྒྱུར་བའམ་ཆོས་ཤིག་གཞན་ཞིག་ཏུ་སྒྱུར་བར་ཟེར། དེས་ན་བྷཱ་བ་ན་ནི་བརྒྱུད་རིམ་གང་ཞིག་གི་སྐབས་ང་ཚོས་སེམས་ཀྱི་གནས་སྟངས་བཟང་བ་ཞིག་རྒྱུད་ལ་སྐྱེད་ཚུལ་གཞན་གྱི་དྲུང་ནས་ཆོས་ཉན་ཏེ་སོ་སོའི་སེམས་ཀྱི་གནས་སྟངས་དེར་བསྒྱུར་བར་གོ ། ཡང་ན་སྒོམ་བརྒྱབ་པ་ལ་བརྟེན་ནས་ང་ཚོས་སོ་སོའི་སེམས་དམིགས་བསལ་ཕན་ཐོགས་ཆེ་བའི་གནས་སྟངས་ཤིག་ཏུ་སྒྱུར་བར་གོ །

བྷཱ་བ་ན་ཞེས་པ་ལེགས་སྦྱར་གྱི་སྐད་བྷཱུ་ཞེས་པའི་རྩ་བའི་ཚིག་ལས་བྱུང་སྟབས། སྒྱུར་བ་ཞེས་པའི་ཐ་སྙད་ཀྱིས་འགྱུར་ལྡོག་ཅིག་སྟོན་གྱི་ཡོད། དཔེར་ན། གལ་ཏེ་ང་ཚོ་བརྩེ་བའི་ཐོག་སྒོམ་རྒྱག་གི་ཡོད་ན། ང་ཚོས་རང་ཉིད་སེམས་ནང་བརྩེ་བ་ཡོད་མཁན་ཞིག་ཏུ་འགྱུར་ལྡོག་གཏོང་གི་ཡོད། ཐ་སྙད་དེ་ལེགས་སྦྱར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་སྐབས། དེ་དང་བསྟུན་ནས་གོམས་པ་ཞེས་པའི་དོན་སྟོན་པའི་ཚིག་ཏུ་བསྒྱུར། དེ་ལ་བོད་སྐད་ནང་སྒོམ་ཞེས་བྱ། སྒོམ་ཞེས་པ་ནི་དགག་ཕྱོགས་མིན་པར་སྒྲུབ་ཕྱོགས་ཀྱི་ཆོས་ཤིག་གོམས་འདྲིས་སུ་འཇགས་པར་བྱེད་པའི་དོན་ཡིན། དེ་ལ་བརྟེན་ནས་སྒྲུབ་ཕྱོགས་དང་དགེ་མཚན་ཆེ་བའི་གོམས་གཤིས་ཤིག་འཇགས་ཀྱི་ཡོད།

བོད་སྐད་དུ་སྒོམ་ཞེས་པ་ནི་ནང་དོན་དང་བསྟན་དོན་གྱི་ཆ་ནས་ལེགས་སྦྱར་གྱི་སྐད་དང་ཧ་ཅང་འདྲ་པོ་ཡོད། ཐ་སྙད་དེ་གཉིས་ཀའི་བསྟན་དོན་ནི་ང་ཚོ་རང་ཉིད་ལ་སོ་སོའི་དམིགས་ཡུལ་ཡོད་པ་བཞིན་ལེགས་བཅོས་བྱེད་པར་ཟེར། དཔེར་ན།...

http://www.BerzinArchives.com/web/bo/archives/sutra/level1_getting_started/approaching_study_meditation/meditation_methods/transcript.html

སྒོམ་གྱི་ཐབས།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་ཐོག་ནས་སེམས་སྐྱིད་པོ་བཟོ་བ།

$
0
0
(སྒྲ་ཡིག་འབེབ་སྒྱུར་ཐུང་བ།) – ༸གོང་ས་སྐྱབས་མགོན་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།

དེ་རིང་ངས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཐོག་ནས་སེམས་ལྷོད་པོ་དང་སྐྱིད་པོ་ཞིག་ཇི་ལྟར་ཡོང་མིན་ཐད་སྐད་ཆ་ཤོད་རྒྱུ་ཡིན། འདིར་མི་ཧ་ཅང་མང་པོ་ཞིག་འཛོམས་པའི་སྐབས་སྐད་ཆ་ཤོད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངོས་ཀྱི་རླབས་ཆེན་གྲོགས་པོ་ཨ་རིའི་ཚན་རིག་པ་སྐུ་ཞབས་ཌེ་ཝི་ཌེ་ ལི་ཝིང་སི་ཊོན་(David Livingstone)ལགས་ད་ལྟ་ང་ཚོ་མཉམ་དུ་འཚོ་བཞུགས་མེད། ཁོང་གིས། སེམས་པ་བཟང་བའི་མི་ཞིག་ལ་མི་གཞན་ཐུག་སྐབས། མི་དེའི་མིག་ནམ་རྒྱུན་ལས་ཆེར་གདངས་བ་དང་མིག་རིལ་རྒྱུན་ལྡན་དང་མི་འདྲ་བར་མངོན་གྱི་ཡོད་ཅེས་གསུངས། ཁོང་ང་ཐུག་སྐབས་ཁོང་གི་མིག་ཆེར་གདངས་བ་སོགས་ཡོང་གི་འདུག་ཅེས་གསུངས་གི་འདུག དེ་ནི་མི་གཉིས་ཀྱི་བར་དུ་ཡོང་བའི་གནས་ཚུལ་ཞིག་རེད། ཁོ་རང་གི་བཟའ་ཟླ་དང་ང་རང་ཐུག་འཕྲད་སྐབས་ལྟ་བུ། འོན་ཀྱང་ད་ལྟ་ངོས་རང་ས་ཆ་གང་དུ་ཕྱིན་ཀྱང་། ས་གནས་དེ་གའི་མི་རྣམས་ཀྱིས་ངོས་ལ་གཅིག་མཚུངས་ཐོག་བཅོས་མིན་གྱི་མཛའ་བརྩེ་རྣམ་འགྱུར་སྟོན་གྱི་འདུག དེ་ལ་དགའ་ཚོར་ཚད་མེད་བྱུང་། ཐུགས་རྗེ་ཆེ།

ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཞེས་པའི་དོན་གང་ཡིན་ནམ་ཞེ་ན། ངས་ཐ་སྙད་དེ་རྒྱ་གར་གྱི་སྲོལ་རྒྱུན་ནང་བེད་སྤྱོད་བྱས་པ་བཞིན་བྱེད་ཀྱི་ཡོད། འོན་ཀྱང་ངོས་ཀྱི་ཁ་ཆེ་དང་ཡེ་ཤུ་གྲོགས་པོ་ཁ་ཤས་ཀྱི་ཆོས་དང་མ་འབྲེལ་བ་ཞེས་པའི་ཐ་སྙད་འདི་ཐོས་སྐབས་ཁོང་ཚོའི་སེམས་ནང་ཆོས་དང་འགལ་བ་ལྟར་བུར་གོ་གི་འདུག དེར་བརྟེན་ངས་ཐ་སྙད་དེ་བེད་སྤྱོད་བྱེད་པར་ཁོང་ཚོས་དགའ་པོ་བྱེད་ཀྱི་མི་འདུག ཡང་མི་འགའ་ཞིག་གི་བསམ་པར། བླང་དོར་ཞེས་པའི་ཚིག་འདི་ཆོས་ཀྱི་ཐོག་ལ་གཞི་རྩ་བཟུང་དགོས་པར་གོ་གི་འདུག འོན་ཏེ་རྒྱ་གར་གྱི་རྩ་ཁྲིམས་དེ་ཆོས་དང་འབྲེལ་བ་མེད་པའི་སྟེང་ལ་གཞི་བྱས་ཡོད། དེ་ཆོས་དང་འགལ་བའམ་ཆོས་ལ་མི་དགའ་ཞིག་མིན། རྒྱ་གར་ནང་མི་རྣམས་ཆོས་ལ་བརྩི་བཀུར་ཆེན་པོ་ཡོད།...

http://www.BerzinArchives.com/web/bo/archives/approaching_buddhism/world_today/achieving_happy_mind_through_secular_ethics.html

ཕན་ཚུན་གཉིས་མོས་ཀྱི་ཤེས་བྱ་དང་གོ་རྟོགས་ནི་ཆོས་ལུགས་མཐུན་འབྲེལ་གྱི་རྨང་གཞི་ཡིན།

$
0
0
(སྒྲ་ཡིག་འབེབ་སྒྱུར་ཐུང་བ།) – ༸གོང་ས་སྐྱབས་མགོན་༸ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ།

ཕ་མེས་ནས་ནང་པའི་རྒྱལ་ཁབ་མ་ཡིན་པའི་ལུང་པ་ཁག་ནས་ཡོང་བའི་མི་རྣམས་ལ་ནང་པའི་ལྟ་གྲུབ་སྐོར་བཤད་རྒྱུ་བྱུང་བར་ང་རང་དགའ་སྤྲོ་ཆེ། ཕན་ཚུན་གཉིས་ཕྱོགས་ནས་གོ་རྟོགས་རྣལ་མ་ཞིག་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་པོ་རེད། གཉིས་མོས་ཀྱི་གོ་རྟོགས་ནི་དགོས་ངེས་ཅན་ཞིག་རེད། གང་ཡིན་ཞེ་ན། ང་ཚོ་ཚང་མ་རྒྱུ་སྐར་འདིའི་སྟེང་འཚོ་གནས་བྱེད་ཅིང་རྒྱུ་སྐར་འདིའི་ནང་ཆོས་ལུགས་ཧ་ཅང་མང་པོ་ཡོད། གནས་ཚུལ་ལམ་ཤེས་བྱ་ནི་ཆོས་ལུགས་དེ་དག་མང་པོ་ཞིག་ནང་ཧ་ཅང་གཏིང་ཟབ་པོ་དང་རྒྱུས་མངའ་བྱ་རྒྱུ་ཡོད། སྐབས་རེ་འདས་པའི་དུས་སུ་མི་རྣམས་ཁེར་རྐྱང་དུ་གནས་པའི་སྐབས། བདེན་པ་གཅིག་དང་ཆོས་ལུགས་གཅིག་གི་ལྟ་ཚུལ་བཟུང་ན་དཀའ་ངལ་གང་ཡང་མེད་ལ་ཡག་པོ་བྱུང་ཡོད། མ་ཟད་འཚམ་པོའང་བྱུང་ཡོད། འོན་ཀྱང་ད་ཆ་ང་ཚོའི་མི་ཚེ་སྐྱེལ་སྟངས་དེ་ག་རང་གིས་ཕན་ཚུན་འབྲེལ་བ་བྱེད་དགོས་པ་སྟོན་གྱི་ཡོད་ཅིང་། ང་ཚོས་ཕན་ཚུན་འབྲེལ་བ་བྱེད་ཀྱི་ཡོད། གནས་སྟངས་འདི་འདྲའི་སྐབས། སྐབས་རེ་བདེན་པ་གཅིག་དང་ཆོས་ལུགས་གཅིག་གི་ལྟ་ཚུལ་དེ་གང་ཟག་འགའ་ཞིག་ལ་ཕན་ཐོགས་པོ་ཡོད་པ་དང་། སེམས་རྩེ་གཅིག་ཏུ་གཏོད་པས་མི་དེ་ལ་བེད་སྤྱོད་ཆེན་པོ་ཡོད་སྲིད་ཀྱང་། རྒྱ་ཆེ་ས་ནས་བལྟས་ན་ང་ཚོས་བདེན་པ་དུ་མ་འདོད་པའི་ལྟ་ཚུལ་ཡར་རྒྱས་གཏོང་རྒྱུ་གནད་ཆེ། དེ་དངོས་ཡོད་རེད། འདས་པའི་དུས་རབས་ཁ་ཤས་ནང་བདེན་པ་དུ་མ་དང་ཆོས་ལུགས་དུ་མ་ཡོད་པར་གོ་རྟོགས་གང་ལ་གང་འཚམ་རྙེད་ཡོད། དེར་བརྟེན་ཆོས་ལུགས་དུ་མ་དང་བདེན་པ་དུ་མ་འདོད་པའི་ལྟ་ཚུལ་ཡར་རྒྱས་གཏོང་བར། ཆོས་ལུགས་གཞན་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།

ངོས་ཀྱི་ཕ་ཡུལ་བོད་ལ་མཚོན་ན། བོད་ནང་ཁ་ཆེ་དང་བོད་པ་ཁ་ཆེ་དུས་རབས་མང་པོའི་རིང་མཉམ་དུ་བསྡད་ཡོད། དེར་བརྟེན་ཁ་ཆེའི་ཆོས་བོད་ནང་ཡོད་པ་ཤེས་ཀྱི་ཡོད། འོན་ཀྱང་ཆོས་ལུགས་དེ་དག་གི་ལྟ་བའི་སྐོར་བགྲོ་གླེང་སོགས་དེ་ཙམ་བྱེད་མྱོང་མེད། ང་ཚོའི་བསམ་པར་ནང་ཆོས་ཡག་ཤོས་རེད་བསམས་ནས་བསྡད་པ་རེད།...

http://www.BerzinArchives.com/web/bo/archives/approaching_buddhism/interreligious_dialogue_and_harmony/mutual_knowledge_understanding_basis_religious_harmony.html

སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་ཡར་ཐོན་ཕྱིན་པའི་དུས་སྐབས་འདིར་ནང་ཆོས་ཀྱི་རྩ་འཛིན་ཁག་ལག་བསྟར་དགོས་གལ།

$
0
0
(སྒྲ་ཡིག་འབེབ་སྒྱུར་ཐུང་བ།)

དཔེར་ན། ངོ་དེབ་དང་། ཊུ་ཝི་ཊར། (twitter) ལག་ཐོག་ཁ་པར་ཐོག་ནས་གང་སར་བརྡ་འཕྲིན་གཏོང་བ་སོགས་དྲ་རྒྱ་དང་དེང་དུས་ཀྱི་འཕྲུལ་ཆས་ཐོག་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་དེ་སྤྱི་ཚོགས་ཀྱི་བརྒྱུད་ལམ་ཡར་ཐོན་ཆེན་པོ་ཕྱིན་པའི་དུས་སྐབས་ཤིག་ཏུ་རིམ་གྱིས་འགྱུར་ལྡོག་བྱུང་ཞིང་། དེས་མི་རྣམས་ཕན་ཚུན་འབྲེལ་བ་བྱེད་ཕྱོགས་ཐད་འགྱུར་བའམ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་མ་ཟད་ཨེ་པོ་ཌོའི་ (iPods) ཐོག་ནས་ཉིན་གང་གཞས་ཉན་པ་དང་གཟུགས་མཐོང་རྩེད་མོ་རྩེ་བ་སོགས་ཉིན་རེ་ལས་མ་བསྡད་པར་བེད་སྤྱོད་བྱེད་ཤུགས་ཆེ་རུ་འགྲོ་གི་ཡོད། དེར་བརྟེན་འཕྲུལ་ཆས་ཐོག་ནས་གཞས་དང་། རྩེད་མོ། བརྡ་འཕྲིན་གཏོང་བ། ཕན་ཚུན་འབྲེལ་བའི་བརྒྱུད་ལམ་དེ་དག་མེད་ན་ད་ལྟའི་ཆར་མི་མང་པོ་ཞིག་དུས་ཚོད་མ་འཁྱོལ་བའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ཡར་རྒྱས་དེ་དག་རེ་རེར་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཤུགས་རྐྱེན་གཉིས་ཀ་ལྡན་ཡོད། གང་ལྟར་ཡང་ཡར་རྒྱས་དེ་དག་གིས་མི་རྣམས་ལ་ཤུགས་རྐྱེན་གཏིང་ཟབ་པ་བྱིན་དང་སྦྱིན་བཞིན་པ་ཡིན། སྤྱི་ཚོགས་འགྱུར་བ་འགྲོ་བ་ལས་བྱུང་བའི་བཟང་ཕྱོགས་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ་དང་ངན་ཕྱོགས་ཀྱི་ནུས་པ་ཉུང་དུ་གཏོང་རྒྱུའི་ཐད་ནང་ཆོས་ཀྱིས་ཕན་ཐོགས་ཇི་ལྟར་ཡོད་མེད་ཐད་ངས་ཞིབ་འཇུག་དང་དཔྱད་ཞིབ་བྱ་རྒྱུ་དེ་ངས་གལ་ཆེན་པོ་ཞིག་ཏུ་མཐོང་། དེར་བརྟེན་སྔོན་ལ་ངས་སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་གི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་དང་། དེ་ནས་ངན་ཕྱོགས་ཀྱི་ཤུགས་རྐྱེན་འགའ་ཞིག ཡར་རྒྱས་དེ་ལྟར་འགྲོ་བཞིན་པའི་སྐབས་འདིར་ནང་ཆོས་ཀྱིས་ལེགས་སྐྱེས་གང་འབུལ་ཐུབ་སྐོར་ཐད་ཞུ་གི་ཡིན།

དྲག་སྤྱོད་རིང་ལུགས་པ་དང་། གནམ་གཤིས་འགྱུར་ལྡོག རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་དུ་འགྲོ་བ། གོ་ལའི་དཔལ་འབྱོར་སོགས་ཉམས་རྒུད་འགྲོ་བ། ལས་ཀ་མི་འཐོབ་པ་སོགས་དཔལ་འབྱོར་གྱི་དཀའ་ངལ་གྱི་འཇིགས་སྣང་འཕྲད་བཞིན་པའི་སྐབས་འདིར། མིའི་སེམས་ནང་རྒྱུན་དུ་རང་ཉིད་གལ་ཆེན་པོ་མིན་པ་དང་། སྟོབས་ཤུགས་མེད་པ།...

http://www.BerzinArchives.com/web/bo/archives/approaching_buddhism/world_today/appl_bst_principles_age_soc_media/transcript.html

སྤྱི་ཚོགས་ནང་གི་བརྒྱུད་ལམ་ཁག་ཡར་ཐོན་ཕྱིན་པའི་དུས་སྐབས་འདིར་ནང་ཆོས་ཀྱི་རྩ་འཛིན་ཁག་ལག་བསྟར་དགོས་གལ།

ལམ་གཙོ་རྣམ་གསུམ་གྱི་འགྲེལ་བ་མདོར་བསྡུས་ཤིག །

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – རྗེ་ཙོང་ཁ་པ་ཆེན་པོས་མཛད་པ།

ངོ་སྤྲོད།

ང་ཚོ་དམིགས་བསལ་གྱི་གནས་ཤིག་ཏུ་ཡོད་སྟབས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་སླད་བྱང་ཆུབ་སེམས་བསྐྱེད་པར་བྱས་ཏེ་དམིགས་བསལ་གྱི་ཀུན་སློང་ཞིག་བཅོས་དགོས། དེ་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་དགོས། སྟོན་ཤཱཀྱ་ཐུབ་པ་ཉིད་ཀྱང་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་གཙང་མ་ཡོད་པའི་སྟོབས་ཀྱིས་སངས་རྒྱས་པ་ཡིན། ཁོང་གི་ཡོན་ཏན་དང་འཕྲིན་ལས་ཚང་མ་དེ་ལྟའི་བྱང་ཆུབ་དོན་གཉེར་གྱི་ཀུན་སློང་ལ་བརྟེན་ཡོད། ཐོབ་བྱ་དེ་ལྟ་བུ་འཐོབ་པར་ང་ཚོས་སེམས་དེ་སྐྱེད་པར་སྨོན་ལམ་བཏབ་ནས་རྟག་ཏུ་གོང་འཕེལ་གཏོང་བར་བརྩོན་དགོས།

ཆོས་བཤད་དེ་དག་ལ་བརྟེན་ནས་ཉིན་ཤས་རིང་ང་ཚོས་དགེ་བའི་ལས་ཕྲན་བུ་བསགས་ཐུབ་པ་བྱུང་ཡོད། དེ་རིང་མུ་མཐུད་རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་གྱི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡིན། ལམ་གྱི་གཙོ་བོ་གསུམ་ནི། ངེས་འབྱུང་དང་། བྱང་སེམས། ཡང་དག་པའི་ལྟ་བ་བཅས་ཡིན།

ངེས་འབྱུང་ནི་ང་ཚོའི་སེམས་འཁོར་བའི་འདོད་པ་ལས་མཐའ་གཅིག་ཏུ་རྒྱབ་ཏུ་ཕྱོགས་པའི་ཐོག་ལ་གཞི་བཞག་པའི་སེམས་ཤིག་ཡིན། ང་ཚོའི་འཐོབ་བྱར་གྱུར་བའི་ཐར་པ་དེ་ངེས་འབྱུང་གི་བསམ་པ་དེ་རིགས་ལ་བརྟེན་ནས་ཡོད། བྱང་ཆུབ་སེམས་ནི་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་པའི་སྤྱོད་ལམ་མམ་ཀུན་སློང་ཞིག་ཡིན། ཡང་དག་པའི་ལྟ་བ་ནི་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་ཡིན།

ཡང་དག་པའི་ལྟ་བའམ་སྟོང་ཉིད་དང་། གནས་ལུགས། རང་བཞིན་མེད་པ་རྟོགས་པའི་ཤེས་རབ་ལ་མཚོན་ན། གལ་ཏེ་ཤེས་རབ་དེ་ངེས་འབྱུང་གི་བསམ་པས་ཟིན་ཚེ། ཐར་པ་འཐོབ་པ་ཡིན། དེ་ཡང་ཐར་པ་འཐོབ་པ་ལ་བར་དུ་གཅོད་བྱེད་ཀྱི་ཉོན་སྒྲིབ་སྟེ། ཉོན་མོངས་ཅན་གྱི་མྱོང་ཚོར་དང་སྤྱོད་པ་རྣམས་སྤངས་ནས་ཐར་པའི་ས་ལ་འཁྲིད་པར་བྱེད། ཉོན་མོངས་དེ་དག་གིས་ང་ཚོ་འཁོར་བའི་ནང་དམ་པོ་འཆིང་གི་ཡོད། ཅི་སྟེ་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་བྱང་ཆུབ་སེམས་ཀྱིས་ཟིན་ན།...

http://www.BerzinArchives.com/web/bo/archives/sutra/level2_lamrim/overview/specific_texts/three_principal_aspects_path/short_commentary_three_principles_path.html

བློ་སྦྱོང་ཚིག་བརྒྱད་མའི་འགྲེལ་པ་མདོར་བསྡུས།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།) – རྒྱ་གར། དྷ་རམ་ས་ལ། ཕྱི་ལོ་ ༡༩༨༡ ཟླ་ ༡༠ ཚེས་ ༧ ཉིན།

བློ་སྦྱོང་ཚིག་བརྒྱད་མ་ནི་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་གཞུང་ཞིག་ཡིན་ཞིང་། ཕར་ཕྱིན་ཐེག་པའི་ནང་འགྲེལ་བརྗོད་བྱས་པའི་ཐབས་དང་ཤེས་རབ་ཀྱི་ཉམས་ལེན་སྐོར་འགྲེལ་བརྗོད་གནང་ཡོད། ཤོ་ལོ་ཀ་དང་པོ་བདུན་གྱིས་བྱམས་པ་དང་བྱང་ཆུབ་སེམས་ལྟ་བུའི་ཐབས་ཀྱི་སྐོར་དང་། བརྒྱད་པས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐོར་གསུངས་ཡོད།

༡) བདག་ནི་སེམས་ཅན་ཐམས་ཅད་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་པའི། །
དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །
རྟག་ཏུ་གཅེས་པར་འཛིན་པར་ཤོག །

རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་འདོད་ཅིང་སྡུག་བསྔལ་ལས་ཡོངས་སུ་ཐར་འདོད། དེའི་ཐད་ང་ཚོ་ཚང་མ་གཅིག་པ་གཅིག་རྐྱང་ཡིན། ང་ཚོ་མི་རེ་ངོ་རེ་ནི་གང་ཟག་གཅིག་ཡིན་ཀྱང་གཞན་སེམས་ཅན་གྲངས་ལས་འདས་པ་ཡོད།

དེ་ཡང་བསམ་བློ་གཏོང་དགོས་པའི་བསམ་ཕྱོགས་གཉིས་ཡོད་དེ། རང་གཅེས་པར་འཛིན་པ་དང་གཞན་གཅེས་པར་འཛིན་པ་ཡོད། རང་གཅེས་འཛིན་གྱིས་གུ་དོག་པོ་བཟོ་ཞིང་། ང་ཚོས་སོ་སོ་གལ་ཧ་ཅང་ཆེན་པོ་ཡིན་པར་བརྩི་བ་དང་གཞི་རྩའི་འདོད་པ་ནི་རང་ཉིད་སྐྱིད་པོ་དང་ཚགས་ཚུད་པོ་བྱུང་ན་བསམ་གྱི་ཡོད། འོན་ཀྱང་ང་ཚོས་དེ་སྒྲུབ་ཚུལ་ཤེས་ཀྱི་མེད། མདོར་ན། རང་གཅེས་འཛིན་གྱིས་ཀུན་ནས་བསླངས་པས་སྐྱིད་པོ་ནམ་ཡང་ཡོང་མི་ཐུབ། ཕྱོགས་གཞན་ཞིག་ནས་གཞན་གཅེས་འཛིན་གྱི་བསམ་པ་དང་ལྡན་པའི་གང་ཟག་གིས་གཞན་གྲངས་མེད་པའི་སེམས་ཅན་རྣམས་གལ་ཆེ་བ་དང་དེ་དག་ལ་རོགས་རམ་བྱེད་པ་ནི་གལ་ཆེ་ཤོས་སུ་འཛིན་གྱི་ཡོད། དེ་ལྟར་བྱས་ན་ཞོར་ལ་རང་ཉིད་ཀྱང་སྐྱིད་པོ་ཡོང་གི་ཡོད།

དཔེར་ན། ལྷག་བསམ་རྣམ་དག་གིས་གཞན་ལ་རོགས་རམ་དང་ཞབས་འདེགས་ཞུ་མཁན་གྱི་ཆབ་སྲིད་པ་ནི་གུས་བརྩི་ཆེན་པོས་ལོ་རྒྱུས་དེབ་ཐེར་ནང་བཀོད་ཡོད། ཆབས་ཅིག་རྒྱུན་དུ་གཞན་ལ་བཤུ་གཞོག་གཏོང་བ་དང་གནོད་པ་བྱེད་མཁན་ནི་འཇིགས་སུ་རུང་བའི་མི་ཞིག་གི་དཔེར་བཀོད་དེ་ངན་པར་བརྩི་གི་ཡོད། སྐབས་འདི་དང་། ཆོས་ལུགས། མ་འོངས་པ། ཐར་པ་སོགས་ཕར་བཞག་ཚེ་འདི་ཉིད་ནང་།...

http://www.BerzinArchives.com/web/bo/archives/sutra/level3_lojong_material/specific_texts/eight_verse_attitude_training/brief_commentary_eight_verse_attitu.html

རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་མདོར་བསྡུས། – ཉིན་དང་པོ། ངོ་སྤྲོད།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།)

ཀུན་སློང།

དེ་རིང་འདིར་གསུང་ཆོས་ཉན་དུ་བོད་གཙོས་པའི་ལུང་པ་འདྲ་མིན་ནས་མི་མང་པོ་ཞིག་ཕེབས་ཡོད། དེ་འདྲ་ཡིན་པ་སོང་ཙང་། ངོས་ནས་གནས་མཆོག་རྡོ་རྗེ་གདན་འདིར་བྱང་ཆུབ་སེམས་བསྐྱེད་སོགས་དང་འབྲེལ་ཏེ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་འཁྲིད་ཀྱི་ཡིན། ང་ཚོ་གནས་རྩ་ཆེན་པོ་ཞེ་དྲག་ལ་འཛོམས་ཡོད་པས་འདིར་དགེ་ཚོགས་ས་ཕྱོགས་གཞན་ལས་ལྷག ཡིན་ནའང་དགེ་བའི་སྟོབས་ཆེ་རུ་གཏང་བར་ང་ཚོར་ཀུན་སློང་དང་བསམ་པ་རྒྱ་ཆེན་པོ་ཞིག་དགོས། འདི་ནི་ཆོས་ཉན་པ་པོ་ཙམ་མིན་པར་བླ་མ་རྣམ་པར་ཡང་མཁོ་བ་ཡིན།

སྙིང་རྗེའི་བདག་ཉིད་སངས་རྒྱས་ཀྱི་སྐུར་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་གསུང་དབྱངས་ཡན་ལག་དྲུག་ཅུ་ལྡན། ད་དུང་ཁོང་གི་སེམས་ནི་ཉོན་མོངས་དང་སྒྲིབ་གཉིས་ཀུན་ནས་བྲལ་སྟེ། རྟག་ཏུ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང་ལྷན་དུ་ཆོས་ཀུན་དངོས་པོའི་གནས་ལུགས་བཞིན་དུ་ཅིག་ཅར་དུ་གཟིགས། དེ་ལྟ་བུའི་སྙིང་རྗེའི་བདག་ཉིད་སྟོན་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་པའི་མཛད་པ་འདི་གནས་མཆོག་རྡོ་རྗེ་གདན་དུ་ལོ་ ༢༥༠༠ གོང་དུ་བསྟན། ད་ལྟ་ང་ཚོ་ཚང་མ་གནས་མཆོག་འདིར་འཛོམས་ཡོད།

ད་ལྟའི་དུས་འདིར་དམག་འཁྲུག་དང། མུ་གེ་འབྱུང་རྐྱེན་ལ་སོགས་པའི་དཀའ་ངལ་ཆེན་པོ་ཡོད། ཡིན་ནའང། ང་ཚོ་ཚེ་སྔ་མའི་བསོད་ནམས་བསགས་པར་བརྟེན་དུས་དང་གནས་འདིར་སྐྱེས་ཤིང། ཉག་ཁྲ་བའི་དུས་འདི་ལའང་ཆོས་དང་བླ་མ་འཕྲད་པའི་གོ་སྐབས་རྩ་ཆེན་པོ་དེ་བྱུང། དེར་བརྟེན་ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་སྒོ་ནས་ཆོས་ཉན་པ་རྣམས་ཉམས་ལེན་བྱེད་དགོས།

ང་ཚོས་ཆོས་དེ་སོ་སོའི་འདོད་པ་སྒྲུབ་པར་ཁ་འདོན་བྱེད་པ་ཙམ་ལ་བརྩི་་ཐབས་བྲལ། ཆོས་ནི་ང་ཚོ་རང་རང་སོ་སོས་ལག་བསྟར་བྱེད་དགོས་པ་ཞིག་ཡིན། འདི་ནི་ང་ཚོས་ཁ་ནས་སྐྱབས་འགྲོ་འདོན་པ་ཙམ་མ་ཡིན་པར། ང་ཚོས་གང་འདོན་པ་རྣམས་ཉིན་རེའི་བྱེད་སྒོར་ལག་བསྟར་བྱེད་པར་གོ།...

http://www.BerzinArchives.com/web/bo/archives/sutra/level3_lojong_material/specific_texts/37_bodhisattva_practices/short_commentary_thirty_seven_bodhi/short_commentary_37_bodhisattva_practices_01.html

རྒྱལ་སྲས་ལག་ལེན་སོ་བདུན་མའི་འགྲེལ་པ་མདོར་བསྡུས། – ཉིན་གཉིས་པ། ཚིགས་བཅད་ ༡ ནས་ ༧ བར།

$
0
0
(སྒྲ་ཡིག་འབེབ་སྒྱུར་འབྲིང་བ།)

གནས་མཆོག་འདིར་སླེབས་པའི་གོ་སྐབས་བླངས་པ།

ཁ་ཚང་ངས་བཤད་པ་བཞིན། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་པའི་མཛད་པ་སྟོན་ས་དང་སངས་རྒྱས་མང་པོ་འབྱོན་པའི་གནས་ཁྱད་པར་ཅན་འདིར་སླེབས་ཡོད། སློབ་དཔོན་ཀླུ་སྒྲུབ་དང་། ཁོང་གི་ཐུགས་སྲས་གཉིས། བོད་མི་མང་པོ་ཞིག་མནས་མཆོག་རྡོ་རྗེ་གདན་འདིར་བཞུགས་ཡོད། དཔེར་ན། ལོ་མང་པོའི་གོང་ཁམས་ནས་སངས་རྒྱས་ཡེ་ཤེས་འདིར་ཕེབས་པ་དང་དགོན་པའི་མཁན་པོར་མཛད། འདིར་ས་ཕྱོགས་འདྲ་མིན་ནས་སྐྱེ་བོ་མང་པོས་ཞབས་བཅགས་པ་དང་གནས་ཕྱོགས་འདིའི་བྱིན་རླབས་ལ་བརྟེན་ནས་ལེགས་བཤད་མང་པོ་ཐོབ། འདི་ནི་གནས་མཆོག་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། གལ་ཏེ་ང་ཚོས་འདིར་འབྱོར་པའི་གོ་སྐབས་སུ་ཀུན་སློང་ཡང་དག་དང་ཤུགས་ཆེན་པོའི་ཐོག་དཀའ་ལས་རྒྱག་པ་དང་ཉམས་ལེན་ཡང་དག་གནང་སྟེ། ཆོས་རྣམ་དག་བྱས་པ་ཡིན་ན་དགེ་བའི་ལས་མང་པོ་བསགས་ཐུབ།

ཁྱད་པར་དུ་བོད་ནས་ཕེབས་པ་ཚོར། སྤྱིར་ཕ་གིར་དཀའ་ངལ་ཞེ་དྲག་ཡོད་ཀྱང་། ཁྱེད་རང་ཚོ་ད་ལྟ་གནས་མཆོག་འདིར་འབྱོར་བས་བཟང་ཕྱོགས་ཀྱི་ནུས་པ་ཀུན་ཆུབ་པར་གོ་སྐབས་ཆ་ཚང་ལེན་དགོས། འདིར་ཡོད་པ་ང་ཚོ་ཚང་མ་བསོད་ནམས་ཆེན་པོ་རེད། འཛམ་གླིང་འདི་ཉོན་མོངས་དང་། ཞེ་སྡང་། འདོད་ཆགས་ཀྱི་དབང་དུ་གྱུར་བའི་དུས་འདིར་སྙིང་རྗེ་དང་བྱམས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་སུ་འཇུག་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་རྩ་ཆེན་པོ་ཡིན། འཛམ་གླིང་ནང་རྒྱུ་ནོར་ལོངས་སྤྱོད་མང་པོ་ཡོད་ཀྱང་དངུལ་གྱིས་འཆི་རྒ་ལས་རང་དབང་ཐོབ་པ་ཞིག་ཉོ་ཐབས་མེད། སྡུག་བསྔལ་ནི་སེམས་ཀྱི་ཆ་ནས་ཡོང་གི་ཡོད་པས་ལོངས་སྤྱོད་ལ་སོགས་པའི་ཕྱིའི་རྐྱེན་གྱིས་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ། དེ་འདྲ་ཡིན་པ་སོང་ཙང། ཆོས་ཕྱོགས་ཀྱི་ཐབས་དང་ཆོས་ལུགས་མི་འདྲ་བ་ཚང་མར་འཇུག་རྒྱུ་གལ་ཆེན་པོ་ཡིན། ཁྱེད་རང་ཚོ་ནང་ཆོས་ལ་དོ་སྣང་ཡོད་པ་འདི་ཡག་པོ་རེད།

ད་ལྟ་ང་ཚོའི་ལྷན་དུ་ཡོད་པའི་ནུབ་ཕྱོགས་པ་རྣམས་ལ་ལྟོས་དང། ...

http://www.BerzinArchives.com/web/bo/archives/sutra/level3_lojong_material/specific_texts/37_bodhisattva_practices/short_commentary_thirty_seven_bodhi/short_commentary_37_bodhisattva_practices_02.html
Viewing all 345 articles
Browse latest View live