(སྒྱུར་ཐུང་།) – དགེ་བཤེས་ངག་དབང་དར་རྒྱས། ཕྱི་ལོ་ ༡༩༧༣ ལོར་རྒྱ་གར་དྷ་རམ་ས་ལར།
རང་གིས་སོ་སོའི་སྒྲིག་གཞི་དང་། ཁྲིམས་ལུགས། རྩ་ཁྲིམས་བཅས་བཟོ་ཞིང་། གལ་ཏེ་གཞན་གྱིས་སོ་སོའི་ཁྲིམས་ལུགས་བཤིག་ན། འཛིན་བཟུང་བྱས་ཏེ་ཁྲིམས་ཆད་གཅོད་ཀྱི་ཡོད། འོན་ཀྱང་གལ་ཏེ་ཁྲིམས་ལུགས་དེ་སོ་སོས་བཤིག་ན། ཆད་པ་གཅོད་ཀྱི་མེད། དགེ་བཤེས་ཤར་ར་བ་་བས། ཇི་སྲིད་རང་གི་སྐྱོན་ཆ་ངོས་འཛིན་མ་ཐུབ་པ་དང་བདག་ནི་རང་གི་དགྲ་ཞིག་ཏུ་མ་མཐོང་ན་དེ་སྲིད་དུ་གོ་ཤེས་ཅན་ཞིག་ནམ་ཡང་མི་ཡོང་ཞེས་གསུངས། ཅི་སྟེ་རང་གི་བསམ་པའི་ཚོར་བ་གལ་ཆེ་ཤོས་སུ་བསམ་ན། མི་སུ་གཅིག་ཀྱང་རང་ལ་མི་འཁོར། ཐ་ན་ཐབས་མཁས་ལྡན་པའི་བླ་མ་ཞིག་གིས་ཀྱང་རང་ཁོ་ན་བསམ་མཁན་མི་ཞིག་ལ་རོགས་བྱེད་མི་ཐུབ། གང་ཡིན་ཟེར་ན། བླ་མའི་བསླབ་བྱ་དང་རང་གཅེས་འཛིན་གཉིས་གདོང་ཐུག་ཤོར་གྱི་ཡོད། བླ་མས་རང་ལ་ཐར་ལམ་སྟོན་པར། ཐོག་མར་རང་ངོས་ནས་རང་གཅེས་འཛིན་གྱི་ཉེས་དམིགས་ཤེས་དགོས། རང་གཅེས་འཛིན་ཡོད་ན་མི་དགེ་བའི་ལས་ཀུན་བྱེད་སྲིད། དེར་བརྟེན་རང་གི་བྱ་སྤྱོད་ཀྱི་ལེགས་ཉེས་དཔྱོད་དགོས། བླ་མས་རང་ལ་རོགས་རམ་བྱེད་མི་ཐུབ་པ་མ་ཟད་སྤྱིར་བཏང་གྲོགས་པོ་ཚོས་ཀྱང་རོགས་བྱེད་མི་ཐུབ། གང་ཡིན་ཟེར་ན། སོ་སོས་ཁོང་ཚོའི་བསླབ་བྱར་ཉན་འཇོག་བྱེད་པའི་བསམ་པའི་སྒོ་བཀག་གི་ཡོད།།
ང་ཚོར་རང་གཅེས་འཛིན་གྱི་སྐྱོན་ཆ་ཡོད་པ་ཚང་མས་ཁས་ལེན་བྱེད་དགོས། སངས་རྒྱས་ཉག་ཅིག་ལ་དེའི་སྐྱོན་གྱི་དྲི་མ་མེད། དེར་བརྟེན་སྐྱོན་དེ་ངོས་བཟུང་སྟེ་སྤོང་ཐབས་བྱེད་དགོས། མ་མཐར་རང་གཅེས་འཛིན་ལྡན་པ་ཤེས་ན་ཡར་རྒྱས་འགྲོ་བར་ཕན་ཐོགས་ཤིན་ཏུ་ཆེ། གཞན་གྱིས་རང་ལ་སྐྱོན་འཛུགས་བྱེད་སྐབས། དེ་དག་ཚང་མ་རང་རྒྱུད་ཀྱི་རང་གཅེས་འཛིན་གྱི་ལན་པ་རེད་ཅེས་རྒྱུན་དུ་བསམ་དགོས། རང་ངོས་ནས་དེ་ངོས་འཛིན་མ་ཐུབ་ན་ཁོང་ཁྲོའི་རྒྱུར་འགྲོ་གི་ཡོད། གལ་ཏེ་རང་གི་རྐང་པར་ཚེར་མ་ཞིག་ཟུག་སྐབས་ཁོང་ཁྲོ་བྱས་ཏེ་ཚེར་མ་ལ་ཕར་བཞུས་ན། གྱོང་སུ་ལ་ཕོག་གི་རེད། ད་ལྟ་ང་ཚོས་སྐྱོན་འཛུགས་དང་མི་བདེ་བ་ཕྲན་བུར་བཟོད་མི་ཐུབ་ན།...
http://www.BerzinArchives.com/web/bo/archives/sutra/level2_lamrim/advanced_scope/bodhichitta/advice_overcoming_self_cherishing.html