(སྙན་ཐོ་འབྲིང་བ།)
ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༡༣ ནས་ ༢༢ བར་དུ་ནང་ཆོས་ཕབས་འགྱུར་གྱི་ཐབས་ལམ་ཐོག་སྦྱོང་བརྡར་ཞེས་མཚན་བྱང་འཁོད་པའི་ཟབ་སྦྱོང་ཞིག་བོད་པའི་ལོ་ཙཱ་བ་རྣམས་ལ་དབྱིན་སྐད་ནས་བོད་སྐད་དུ་ཡིག་སྒྱུར་གྱི་རྩལ་ཡར་རྒྱས་གཏོང་ཆེད་དུ་ལྡི་ལི་གསར་པའི་ཤྲཱི་ཨུ་རོ་བིན་དྷུ་ཨ་ཤི་རཱམ་དུ་འཚོགས་པ་རེད། ཟབ་སྦྱོང་དེ་ནི་ལྷ་ལུང་བློ་བཟང་ཕུན་ཚོགས་ལགས་ཀྱི་དགོངས་ཚུལ་དང་ཁོང་གིས་བཟོས་པའི་རྩ་འཛིན་རྣམས་ལས་རྒྱུད་སྐུལ་བྱུང་བ་ཞིག་རེད། འགན་འཛིན་རྡོ་བུམ་སྤྲུལ་སྐུས་དབུ་ཁྲིད་པའི་ལྡི་ལི་བོད་ཁང་གིས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང། ཧྥོར་ཌི་ཐེབས་རྩ་ཁང་(Ford Foundation)གིས་འགྲོ་གྲོན་སྦྱིན་བདག་གནང་བ་རེད།
ཟབ་སྦྱོང་དེར་བོད་ཀྱི་དཔེ་མཛོད་ཁང་དང། ས་སྐྱ་མཐོ་སློབ། ཕྱི་འབྲེལ་ལས་ཁུངས་བཅས་ནས་ཚོགས་བཅར་བ་མི་རེ་དང། དྷ་ས་རིགས་ལམ་སློབ་གཉེར་ཁང་དང་ལྡི་ལི་བོད་ཀྱི་ཁང་པ་ནས་མི་གཉིས་རེ་ཚོགས་བཅར་བའི་ཁོངས་སུ་བཞུགས་པ་རེད། རྒྱུ་རྐྱེན་ངེས་མེད་ཞིག་ལ་བརྟེན་ནས་མཐའ་མར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་གི་ཚོགས་བཅར་བ་ཟབ་སྦྱོང་ལ་བཅར་ཐུབ་མེད། ཟབ་སྦྱོང་དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་སྒྱུར་སྡེ་ཚན་ནས་ཉམས་མྱོང་ཅན་གྱི་གང་ཟག་གཉིས་ཏེ། ཐུབ་བསྟན་རི་རྐེད་ལགས་དང་ཌོག་ཊར་ཨེ་ལེག་ཛན་ཌར། བྷར་ཛིན་ལགས་ཀྱིས་སྣེ་ཁྲིད་གནང་བ་རེད། །
སློབ་ཚན་ནི་བོད་ཡིག་དང་དབྱིན་ཡིག་གི་བརྡ་སྤྲོད་དེ། འབྲི་སྲོལ་དང་བརྡ་ཆད་ཀྱི་གནད་དོན་ཐོག་དམིགས་ཡོད་པ་རེད། ཚོགས་བཅར་བ་ཚོས་ཡར་རྒྱས་ཀྱི་དོན་དུ་འདེམས་སྒྲུག་བྱས་པའི་ཚིགས་བཅད་དང་ཚིག་ལྷུག །དཔྱད་གཏམ་བཅས་བསྒྱུར་ཏེ་དགེ་སྐྱོན་བསམ་འཆར་བྱུང་ཡོད་པ་རེད། ཚིགས་བཅད་འདེམས་སྒྲུག་ནང་བོད་ཡིག་རྩོམ་རིགས་ཙམ་མ་ཟད་ལེགས་སྦྱར་ལས་བསྒྱུར་བ་རྣམས་གཏོགས་ཡོད། ཚིག་ལྷུག་འདེམས་སྒྲུག་ནང་དེང་དུས་སྲིད་དོན་གྱི་རྣམ་ཐར་དང་། སྔ་རབས་ཀྱི་ནང་དོན་རིགས་པའི་བསྟན་བཅོས། སྒོམ་གྱི་ཉམས་ལེན་དང་སྨོན་ལམ་གྱི་དཔེ་ཆ།...
http://www.BerzinArchives.com/web/bo/archives/approaching_buddhism/modern_adaptation/recommendations/buddhism_west/workshop_tibetans_translating_dharma.html